此生共相伴

此生共相伴

才巴

ཚེ་གཅིག་མཉམ་དུ་བསྐྱལ་ཆོག

此生共相伴

ཚིག་: གངས་རྒྱུད་•ཐུབ་བསྟན་བཀྲ་ཤིས།

词:岗尖·土登扎西

དབྱངས་: བྱམས་པ་ཚེ་རིང།

曲:先巴才让

ལེན་མཁན། ཚེ་དཔག འབྲུག་མོ་མཚོ།

演唱:次巴 周毛草

༼ ཕོ ༽ (男)

རི་ལ་སྨུག་པ་འཐིབས་ནས།།

山顶云雾绕

ཆར་བ་ཟིམ་ཟིམ་བབས་བྱུང་།།

细雨轻轻飘

འགྲོ་སའི་ལམ་བུ་དོག་ཅིང་།།

前路虽崎岖

ལམ་ལ་རྡོག་པ་གཅིག་ཡིན།།

同行唯一道

སྨན་ཤར་ལགས་ཡེ་་་་ཚེ་གྲོགས་ལགས་ཡེ་་་་།

姑娘呀…….挚友呀…..

ལྷ་ལ་དད་པ་གཅིག་པས།།

一心敬三宝

བར་ཆད་མེད་པ་བྱས་ཡོད།།

障碍自消弭

ཞེ་རྩ་གཅིག་ལ་ཆགས་ན།།

若生嗔怨时

གཡང་ཁྱིམ་ནང་འཛིན་ཁྱོད་ཡོད།།

家中有你依

ཞེ་རྩ་གཅིག་ལ་ཆགས་ན།།

若生嗔怨时

གཡང་ཁྱིམ་ནང་འཛིན་ཁྱོད་ཡོད།།

家中有你依

༼ མོ ༽(女)

ཆུ་ལ་འགྲམ་དར་ཆགས་ནས།།

河畔柳絮飞

ཉ་མོ་འཁྱག་གིས་མནར་བྱུང་།།

鱼儿困冰霜

དགུན་ཟླ་གྲང་ངར་ཆེ་ཡང་།།

寒冬虽凛冽

ལག་པ་ལག་པར་འཇུས་ཡོད།།

双手紧相牵

སྟག་ཤར་ལགས་ཡེ་་་་ཚེ་གྲོགས་ལགས་ཡེ་་་་།

汉子呀……挚友呀…..

སྐྱབས་འབོད་སྙིང་ནས་ཞུས་ཏེ།།

至诚求庇护

མི་འཇིགས་སྨོན་ལམ་བརྒྱབ་ཡོད།།

无畏发宏愿

སྣང་བ་གཅིག་ལ་འདྲིས་ན།།

若得一人心

འཁོར་བའི་སྐྱོར་མ་ཁྱོད་ཡིན།།

你是渡世帆

སྣང་བ་གཅིག་ལ་འདྲིས་ན།།

若得一人心

འཁོར་བའི་སྐྱོར་མ་ཁྱོད་ཡིན།།

你是渡世帆

༼ ཕོ ༽(男)

སྡེ་ལ་མི་ཁ་བཙན་ནས།།

村落人言厉

འདུག་སའི་གནས་ཚང་དཀོན་བྱུང་།།

栖身无处寻

ཕྲག་དོག་མེ་ལྕེ་འབར་ཡང་།།

妒火虽炽盛

གཅིག་སེམས་གཅིག་ལ་ཆགས་ཡོད།།

你我心连心

༼ མོ ༽(女)

སྟག་ཤར་ལགས་ཡེ་་་་ཚེ་གྲོགས་ལགས་་་ཡེ།

汉子呀……挚友呀…..

གེགས་དང་བར་ཆད་མེད་པ།།

无障亦无碍

མཆོག་གསུམ་ལྷ་ཡི་དྲིན་ཡིན།།

全凭三宝恩

མི་འབྲལ་དམ་བཅའ་བརྟན་ནས།།

誓言永不离

ཚེ་གཅིག་མཉམ་དུ་བསྐྱལ་ཆོག།

此生共相伴

༼ ཕོ ༽(男)

སྨན་ཤར་ལགས་ཡེ་་་་ཚེ་གྲོགས་ལགས་་་ཡེ།

姑娘呀……挚友呀……

གེགས་དང་བར་ཆད་མེད་པ།།

无障亦无碍

མཆོག་གསུམ་ལྷ་ཡི་དྲིན་ཡིན།།

全凭三宝恩

མི་འབྲལ་དམ་བཅའ་བརྟན་ནས།།

誓言永不离

ཚེ་གཅིག་མཉམ་དུ་བསྐྱལ་ཆོག།།

此生共相伴

༼ མཉམ་ལེན༽(合)

མི་འབྲལ་དམ་བཅའ་བརྟན་ནས།།

誓言永不离

ཚེ་གཅིག་མཉམ་དུ་བསྐྱལ་ཆོག།

此生共相伴

此生共相伴

此生共相伴

才巴

00:00 / 00:00