格日
编曲 : 格日
མི་ཚེ།
ལོ་ཟླ་གཙང་པོ་ཞིག་ལྟར་རྒྱང་ནས་རྒྱང་ལ་བཞུར་སོང་།
སེམས་ཀྱི་མི་ལ་ཁམས་བདེ་ལན་གཅིག་ཞུ་ལོང་མ་བྱུང་།
ཡུལ་གདུང་ལྗོན་པ་ཞིག་ལྟར་ཡར་ནས་ཡར་ལ་སྐྱེ་ཡོང་།
དྲན་པའི་མི་ལ་དགའ་སྐྱིད་ལན་གཅིག་ཞུ་ལོང་མ་བྱུང་།
ལང་ཚོ་མེ་ཏོག་ཅིག་ལྟར་སད་དང་སེར་བས་བཙོམ་སོང་།
དགའ་བའི་མི་ལ་འཛུམ་ཆུང་ལན་ཅིག་སྟོན་ལོང་མ་བྱུང་།
རེ་སྒུག་ཆུ་བོ་ཞིག་ལྟར་རྒྱང་ནས་རྒྱང་ལ་ཡལ་འགྲོ།
འདྲིས་པའི་མི་ལ་ཐུག་འཕྲད་ལན་གཅིག་ཞུ་ལོང་མ་བྱུང་།
མི་ཚེ་མ་གཞི་ནས་དེ་འདྲ་རང་རེད་།
དེ་རིང་དགའ་བའི་མི་ལ་མིག་སྐྱེལ་ཞུས་ནས་གསོན་བྲལ་བྱེད་དགོས།
སང་ཉིན་སྡང་བའི་མི་དང་མཉམ་དུ་བསྡད་ནས་སྙིང་གཏམ་གླེང་དགོས།
ལོ་ཟླ་གཅང་པོ་ཞིག་ལྟར་རྒྱང་ནས་རྒྱང་ལ་བཞུར་སོང་།
སེམས་ཀྱི་མི་ལ་ཁམས་བདེ་ལན་གཅིག་ཞུ་ལོང་མ་བྱུང་།
ཡུལ་གདུང་ལྗོན་པ་ཞིག་ལྟར་ཡར་ནས་ཡར་ལ་སྐྱེ་ཡོང་།
དྲན་པའི་མི་ལ་དགའ་སྐྱིད་ལན་གཅིག་ཞུ་ལོང་མ་བྱུང་།
ལང་ཚོ་མེ་ཏོག་ཅིག་ལྟར་སད་དང་སེར་བས་བཅོམ་སོང་།
དགའ་བའི་མི་ལ་འཛུམ་ཆུང་ལན་ཅིག་སྟོན་ལོང་མ་བྱུང་།
རེ་སྒུག་ཆུ་བོ་ཞིག་ལྟར་རྒྱང་ནས་རྒྱང་ལ་ཡལ་འགྲོ།
འདྲིས་པའི་མི་ལ་ཐུག་འཕྲད་ལན་གཅིག་ཞུ་ལོང་མ་བྱུང་།
མི་ཚེ་མ་གཞི་ནས་དེ་འདྲ་རང་རེད་།
དེ་རིང་དགའ་བའི་མི་ལ་མིག་སྐྱེལ་ཞུས་ནས་གསོན་བྲལ་བྱེད་དགོས།
སང་ཉིན་སྡང་བའི་མི་དང་མཉམ་དུ་བསྡད་ནས་སྙིང་གཏམ་གླེང་དགོས།
གླུ་དབྱངས་སྒྲོག་འདོན། ཆོས་འཕེལ་འཕྲིན་སྟེགས་ལས་སྒྲུབ་ཁང།
格日