挚友

挚友

三佰东主

作曲 : 三佰东主

གྲོགས་པོ།

挚友

ཚིག་རྩོམ་མཁན། གངས་དཔལ།

作词:岗华

དབྱངས་རྩོམ་མཁན། བསམ་པའི་དོན་འགྲུབ།

作曲:三佰东主

གཞས་མཁན། བསམ་པའི་དོན་འགྲུབ།

演唱:三佰东主

རོལ་མོ། དཀའ་ཐུབ་རྒྱལ།

编曲:尕太加

སྒྲ་ཕབ་དང་ཞིབ་སྦྱོར། གཡང་རོང་ཨ་དོན།

录音/后期:央容阿东

༡

སྐྱིད་རྟག་གི་འཚོ་བར། ཚད་མེད་སྨོན་འདུན་ཞུ་མཁན་དེ་གྲོགས་ཡིན།

施于生活幸福之兆、祈祷无量者友

གྲོགས་ཀྱི་ལྷད་མེད་སེམས་པ་དུང་དཀར་ཡིན།

友之纯洁之心如海螺

ཁྲེལ་ལ་ཕྱི་ཐག་གཏམ་ལ་ཡིད་རྟོན་ཡོད།

知耻重情而言可信

གྲོགས་པོ་ཡོད་པས་ས་མཐར་སྡུག་སྣང་མེད།

友在之时天涯无忧

སྐྱིད་ཀྱི་རྟ་ཕོ་ཞོན་དུས་སྤང་གི་མེ་ཏོག་འཐུ་རོགས་དེ་གྲོགས་ཡིན།

欢时乘马采花之伴乃友

དགྱེས་འཛོམས་བདུད་རྩི་མཆོད་དུས་བཀྲ་ཤིས་ཁ་གཡང་འབོད་མཁན་དེ་གྲོགས་ཡིན།

聚时献佳酿颂赞词之伴乃友

བཀྲ་ཤིས་རྟགས་བརྒྱད་ཀྱི། རྒྱལ་སྲིད་སྣ་བདུན་གྱི།

不胜吉祥八宝、更有王权七宝

དཔལ་གྱི་རྟེན་འབྲེལ་བསྒྲིག་མཁན་གྲོགས་པོ་ཡིན།

殊胜吉祥之兆友造之

༢

དཀའ་སྡུག་དང་འཕྲད་དུས། མདུན་ལ་འོད་སྣང་འཇོག་མཁན་དེ་གྲོགས་ཡིན།

逢难之时照耀前方者友

གྲོགས་ཀྱིས་གདུང་ཡུས་སྣེ་ལ་ལག་པ་འཇུ།

友将紧握梁之根

བཅོས་མིན་མཛའ་བརྩེའི་འཛུམ་ན་ཉི་འོད་ཡོད།

真挚情谊似光映笑容

གྲོགས་པོ་ཡོད་པས་བཟོད་བསྲན་སྙིང་རུས་སྐྱེད།

忍耐毅力之气因友生

སེམས་ངལ་མིག་ལས་ལྷུང་ན་སྡུག་གི་མགོ་འཕང་བསྟོད་རོགས་དེ་གྲོགས་ཡིན།

心灰之时助我抬头乃友

ཞེ་རྩ་འཁྱག་གིས་བསྡམས་ན་སྤོབས་པའི་མེ་ལྕེ་སྦར་རོགས་དེ་གྲོགས་ཡིན།

冰封之心燃起勇气乃友

ལམ་བུ་ཚེར་མ་དང་། མྱི་ཁས་བཀག་ན་ཡང་།

漫路虽有荆棘、人言虽可阻碍

ལམ་གྱི་དཀའ་ཚེགས་སེལ་རོགས་གྲོགས་པོ་ཡིན།

慢慢长路之难友决之

ཞེ་རྩ་འཁྱག་གིས་བསྡམས་ན་སྤོབས་པའི་མེ་ལྕེ་སྦར་རོགས་དེ་གྲོགས་ཡིན།

冰封之心燃起勇气乃友

ལམ་བུ་ཚེར་མ་དང་། མྱི་ཁས་བཀག་ན་ཡང་།

漫路虽有荆棘、人言虽可阻碍

ལམ་གྱི་དཀའ་ཚེགས་སེལ་རོགས་གྲོགས་པོ་ཡིན།

慢慢长路之难友决之

挚友

挚友

三佰东主

00:00 / 00:00